30170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་མཉེས་པར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཉེར་གཉིས་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཐམས་ཅད་ལ་ཕྱིར་མི་ལྡོག་པ། ལུས་དང་སྲོག་ལ་མི་ལྟ་བ། འཚོ་བའི་ཡོ་བྱད་དང་འཚོ་བའི་རྐྱེན་ལ་དོན་དུ་གཉེར་བ་མེད་པ། ཆོས་ཐམས་ཅད་རྣམ་པར་སྒོམ་པས་ནམ་མཁའ་དང་མཉམ་པ། ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་ལྷག་མཐོང་ལ་མཁས་པ། མི་གནས་པའི་ཆོས་རྣམ་པར་སྒོམ་པའི་ཕྱག་རྒྱ། རྟག་ཏུ་རྒྱུན་མི་འཆད་པར་སྒྲུབ་པའི་སྨོན་ལམ་ཆེན་པོ། ཡོངས་སུ་སྦྱངས་པའི་བཟོད་པ་ཤེས་པའི་སྣང་བ། རང་གི་དགེ་བའི་ཆོས་བསགས་པ་དང་མ་བསགས་པ་ཤིན་ཏུ་བརྟགས་པ། མངོན་པར་འདུ་བྱ་བ་མེད་པའི་སྒོ་ཤིན་ཏུ་བྱང་བའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་མཉེས་པར་བྱ་བ་བཅུ་

|; |@@@ | | }}