30177
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དཔལ་གསང་བ་སྙིང་པོ་ལས། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། ཞེས་པའི་དོན་དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཚོར་བའི་རྒྱལ་པོ་དང་། ཞེས་པ་ཚོར་བའི་རང་བཞིན་ནི་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པའོ། །ཚོར་བ་འབྱུང་བའི་གནས་ནི་དབང་པོ་དྲུག་གོ ། དེ་ལ་ཁམས་འོག་མ་གཉིས་ན་ནི་རྣམ་པར་ཤེས་པ་ལྔའི་ཁོངས་སུ་བསྡུ་བ་ཡོད་ལ། གོང་མ་ནི་ཡིད་ཀྱི་ཁོངས་སུ་བསྡུ་བ་ཡོད་དོ། །དེ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་བརྟེན་པའི་མཚན་ཉིད་དགེ་བ་དང་མི་དགེ་བའི་འབྲས་བུ་ཅན་ཏེ། དེ་དག་རྣམ་པར་དག་པ་ནི་ཡོངས་སུ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་ཆེན་འབྱུང་ལྡན་ནོ། །ཁྱད་པར་དུ་ནི་རྣམ་པར་ཤེས་པ་དྲུག་དང་མཚུངས་པར་ལྡན་ཏེ། དེ་ཡང་སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོའི་ངང་ཉིད་དུ་བལྟའོ། །ཞེས་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་
|; |@@@ | | }}