30183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་འོད་ཀྱི་དཔལ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། འཇིག་རྟེན་གྱི་ཁམས་འོད་དམ་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་འོད་རང་ཆས་སུ་ཡོད་པས་འོད་དམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་འོད་ཀྱི་དཔལ་ཞེས་བྱ་བར་བསྟན་ནས། འཁོར་བ་དང་ནི་མྱ་ངན་འདས། །སོ་སོར་སྣང་བ་མ་ཡིན་ཏེ། །ཇི་བཞིན་དེ་བཞིན་ཉིད་ངེས་ན། །དེ་ལ་འཁོར་བའི་རང་བཞིན་མེད། །ཅེས་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་འོད་ཀྱི་དཔལ་

|; |@@@ | | }}