30187
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། འདྲེ་བར་གནས་པ་རྣམས་རབ་ཏུ་དབེན་པ་ལ་གཟུད་པ། དབེན་པར་གྱུར་པ་རྣམས་དོན་མཐུན་པས་བསྡུ་བ། ཉིད་སྐུ་ཚེ་འདི་ལ་བདེ་བར་བཞུགས་པར་མཛད་པ། ལྷ་ཆེ་བར་གྲགས་པ་རྣམས་དང་ཐབས་ཅིག་ཏུ་ཚོགས་པར་བཞེད་པ། སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུ་དག་ཏུ་འཇིག་རྟེན་ལ་གཟིགས་ནས། མཐུན་མཐུན་དུ་སྤྲུལ་པ་དག་གིས་དོན་མཛད་པར་བཞེད་པ། ཉན་ཐོས་རྣམས་དེ་བཞིན་གཤེགས་པ་མཐོང་བའི་འདོད་པ་བསྐྱེད་པ། ཉན་ཐོས་ཆེན་པོ་རྣམས་བསྒྲགས་པའི་ཕྱིར་བསྟན་པ་མདོར་བསྡུས་ཏེ་བསྟན་ནས་ནང་དུ་གཤེགས་པ། རྣམ་པར་སྨྲ་བ་ལ་བརྩོན་ཞིང་རྣམ་པར་སྨྲ་བ་ལ་དགའ་བ་རྣམས་བསྐུལ་བའི་ཕྱིར་རོ། ། |
| Domain | ཆོས་ལུགས། |