30190
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དཔལ་གསང་བ་སྙིང་པོ་ལས། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་གསུངས་ཤིང་། དེའི་འགྲེལ་པར། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རྣམ་པར་ཤེས་པའི་རྒྱལ་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་དག་པ་དཔལ་རྡོ་རྗེ་སེམས་དཔའ་ཉིད་དོ། །དེ་ཡང་ཡོངས་སུ་མ་དག་པའི་དུས་ན་ནི་འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཡོངས་སུ་དག་པའི་དུས་ན་ནི་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྩ་བའོ། །ཞེས་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དཀོན་ཅོག་འགྲེལ་ལས། དགེ་བ་དང་སྡིག་པའི་ལས་ཀྱི་བག་ཆགས་ཀྱི་ས་བོན་འཛིན་པའི་ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་ནི་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་སྐབས་འདིར་བྱའོ། །ཞེས་དང་། རྣམ་པར་ཤེས་པའི་རྒྱལ་པོ་ནི། རྡོ་རྗེ་མི་བསྐྱོད་པའོ། །ཞེས་གསུངས། |
{{#arraymap:དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་
|; |@@@ | | }}