30191
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གཉིས་ལས་བྱུང་བ་སྟེ། ༡ སྔོན་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང༌། བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྐྱེད་པ་ཡང་དག་པར་བསྒྲུབས་པ། ༢ བསམ་པ་དང༌། ལྷག་པའི་བསམ་པ་སྔོན་ཤིན་ཏུ་སྦྱངས་ཤིང་ཡང་དག་པར་བསྒྲུབས་པ། ༣ བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་ཚད་མེད་པས་སེམས་ཅན་ཡོངས་སུ་བསྐྱབ་པ་ཡང་དག་པར་བསྒྲུབས་པ། ༤ སྤྱོད་པ་དང༌། སྨོན་ལམ་ཚད་མེད་པ་རྒྱུན་འཆད་པ་མེད་པར་ཡང་དག་པར་བསྒྲུབས་པ། ༥ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མི་ངོམས་པར་ཡང་དག་པར་བསྒྲུབས་པ། ༦ སངས་རྒྱས་མཆོད་ཅིང་རིམ་གྲོ་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྒྱུན་ཚད་མེད་པ་ཡང་དག་པར་བསྒྲུབས་པ། ༧ ཐབས་དང་ཤེས་རབ་ཀྱི་ལམ་རྣམ་པར་དག་ཅིང་ཚད་མེད་པ་ཡང་དག་པར་བསྒྲུབས་པ། ༨ ཡོན་ཏན་རྣམ་པར་དག་པའི་རྣམ་པ་ཚད་མེད་པ་ཡང་དག་པར་བསྒྲུབས་པ། ༩ ལམ་གྱི་ཡན་ལག་རྣམ་པར་དགོད་པ་ཚད་མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབས་པ། ༡༠ དོན་དང་ལྡན་པའི་ཆོས་ཚད་མེད་པ་ཁོང་དུ་ཆུད་པས་མཐར་ཕྱིན་པར་བྱ་བ་ཡང་དག་པར་བསྒྲུབས་པ་སྟེ། ཆོས་བཅུ་པོ་དེ་དག་ལ་སོགས་པ་ཆོས་རྣམ་པ་ཐ་དད་པ་བརྒྱ་སྟོང༌། ཚད་མེད། གྲངས་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཚུལ་ཡང་དག་པར་བསྒྲུབས་པའི་རྒྱུས། དེ་བཞིན་གཤེགས་པ་རྣམས་འབྱུང་བར་འགྱུར་རོ། ། |
Domain | ཆོས་ལུགས། |
{{#arraymap:དེ་བཞིན་གཤེགས་པ་རྣམ་འགྱུར་བའི་ཆོས་བཅུ་
|; |@@@ | | }}