30203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་ལ་མར་མེ་ཕུལ་བས་འཆི་བའི་ཚེ་སྣང་བ་ཐོབ་པ་གསུམ་ (1)
Part of speech མིང་ཚིག
Definition འཕགས་པ་མར་མེ་འབུལ་བའི་མདོ་ལས་བྱུང་བ་སྟེ། ༡ དགེ་ལེགས་བྱས་པ་ས་བོན་དུ་འགྱུར་ཏེ་དྲན་པ་འཐོབ་ཅིང་དགེ་བ་རྣམས་བརྗོད་པར་མི་འགྱུར་ཏེ། འདི་ལྟར་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་རྗེས་སུ་དྲན་པ་འདི་ནི་སྣང་བ་དང་པོའོ། །༢ དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཅན་དེ་འཆི་བའི་དུས་ཀྱི་ཚེ་དྲན་པར་འགྱུར་ཏེ། བདག་གིས་སངས་རྒྱས་ལ་མཆོད་པ་བྱས་སོ་ཞེས་མཆོག་ཏུ་དགའ་བ་འཐོབ་སྟེ། འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་དང་བཅས་པའི་སེམས་བསྐྱེད་པ་འདི་ནི་སྣང་བ་གཉིས་པའོ། །༣ སེམས་ཅན་དེ་འཆི་བའི་དུས་ཀྱི་ཚེ་སེམས་ཅན་གཞན་སྦྱིན་པ་གཏོང་བ་མཐོང་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་མར་མེ་འབུལ་བ་ཕུལ་ལོ། །ཕྱིས་ཀྱང་སྦྱིན་པ་བྱིན་ནོ་སྙམ་དུ་དེ་སྟོང་པའི་སེམས་སྐྱེས་ཤིང་སྡུག་བསྔལ་གྱི་ཚོར་བ་རྣམས་ཀྱིས་མི་འཕྲོགས་ལ་དེ་ལ་ཆོས་རྗེས་སུ་དྲན་པ་དེ་ལྟ་བུ་འབྱུང་སྟེ། འདི་ལྟར་དགེ་བའི་རྩ་བ་ཇི་ལྟ་བུ་བཞིན་དུ་ཡིད་ལ་བྱེད་པ་འདི་ནི་སྣང་བ་ཐོབ་པ་གསུམ་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་ལ་མར་མེ་ཕུལ་བས་འཆི་བའི་ཚེ་སྣང་བ་ཐོབ་པ་གསུམ་

|; |@@@ | | }}