30208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་ལ་འཇུག་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ལ་འཇུག་པ་བཅུ་སྟེ། འདི་ལྟར་མུ་མེད་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་འཇུག་པ། མུ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ། མུ་མེད་པའི་ཆོས་ཀྱི་ཚུལ་ལ་འཇུག་པ། མུ་མེད་པའི་དབྱངས་ཀྱི་དཀྱིལ་འཁོར་ལ་འཇུག་པ། མུ་མེད་པའི་སེམས་ཅན་འདུལ་བ་ལ་འཇུག་པ། མུ་མེད་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་ལ་འཇུག་པ། མུ་མེད་པའི་སྐུ་སྣ་ཚོགས་ལ་འཇུག་པ། མུ་མེད་པའི་ཏིང་ངེ་འཛིན་ལ་འཇུག་པ། མུ་མེད་པའི་སྟོབས་དང༌། མི་འཇིགས་པ་ལ་འཇུག་པ། མུ་མེད་པའི་མྱ་ངན་ལས་འདས་པ་ཡོངས་སུ་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་ལ་འཇུག་པ་བཅུ་

|; |@@@ | | }}