30217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། སྤྲིན་རྣམ་པར་བཀོད་པའི་འཇིག་རྟེན་གྱི་ཁམས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ཐུགས་རྗེ་ཆར་རྒྱུན་ལྟ་བུས་སྤྲིན་རྣམ་པར་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་ཞེས་བྱ་བར་བསྟན་ནས། ཐམས་ཅད་འབྱུང་བའི་ཆོ་འཕྲུལ་ཡང༌། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཏེ། །གདོས་པར་གྱུར་པའི་ཆོས་མེད་པས། །ཇི་ལྟར་དམིགས་པ་བཞིན་དུ་འབྱུང༌། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།

{{#arraymap:དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་

|; |@@@ | | }}