30238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་བསྟན་པའི་ཚུལ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ཅ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ལ། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་པ། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་བརྗོད་པ་བསྟན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཡོངས་སུ་སྐྱེ་བ་དང༌། མཐའ་དང་དབུས་མེད་པའི་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་སྒོ་རྒྱ་མཚོ་ཡོངས་སུ་བརྗོད་ཅིང་བསྟན་པ། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་སངས་རྒྱས་ཀྱི་ཞིང་གི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་བྱང་ཆུབ་སེམས་དཔའི་དགེ་འདུན་སྙིང་པོ་བྱང་ཆུབ་ལ་མངོན་དུ་གྱུར་པའི་གནས་བསྟན་པ། དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་དང་འདྲ་བར་སྤྲུལ་པ། བ་སྤུའི་སྒོ་ཐམས་ཅད་ནས་སེམས་སྐད་ཅིག་ལ་རབ་ཏུ་དགྱེ་ཞིང་ཆོས་ཀྱི་དབྱིངས་རྒྱས་པར་དགང་བ་བསྟན་པ། ཕྱོགས་རྒྱ་མཚོ་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་གཞི་མཉམ་པར་བྱིན་གྱིས་བརླབ་ཅིང༌། ལུས་གཅིག་གིས་རྒྱས་པར་དགང་བ་བསྟན་པ། དམིགས་པའི་གཞི་ཐམས་ཅད་ལ་སངས་རྒྱས་ཀྱིས་རྣམ་པར་སྤྲུལ་པ་དུས་གསུམ་ཐམས་ཅད་ཡང་དག་པར་གཞོལ་བར་འགྱུར་བའི་བྱིན་གྱི་རླབས་ཡང་དག་པར་བསྟན་པ། ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ལ། དུས་གསུམ་གྱི་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང༌། བསྐལ་པ་རྒྱ་མཚོ་ཡོངས་སུ་བཤད་ཅིང་བསྟན་པ། དུས་གསུམ་གྱི་སངས་རྒྱས་ཀྱི་སྨོན་ལམ་རྒྱ་མཚོ་ཐམས་ཅད་བ་སྤུའི་སྒོ་ཐམས་ཅད་ནས་རབ་ཏུ་བརྗོད་པ་ཕྱི་མའི་མཐར་བྱིན་གྱིས་བརླབས་པས། བྱང་ཆུབ་སེམས་དཔའ་ཡང་དག་པར་འབྱུང་བ་བསྟན་པ། ཆོས་ཀྱི་དབྱིངས་དང་མཉམ་པའི་སེང་གེའི་ཁྲི་དང༌། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་དཔའི་སྙིང་པོའི་རྒྱན་ཐ་མི་དད་པ་དང༌། ཆོས་ཀྱི་འཁོར་ལོ་རྣམ་པ་ཐ་དད་པ་རབ་ཏུ་བསྐོར་པ་ཕྱི་མའི་མཐར་བྱིན་གྱིས་བརླབ་པ་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་བསྟན་པའི་ཚུལ་བཅུ་

|; |@@@ | | }}