30248
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དྲིལ་བུའི་རྣམ་གྲངས་ཤིག་སྟེ། ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲིའི་ཕྲེང་བས་བསྐོར་བའི་དྲིལ་བུ་རྩེ་མོ་ལྔ་པ་ལ་དེ་བཞིན་གཤེགས་པའི་དྲིལ་བུ་ཟེར། དེ་ལ་དབྱེ་ན། ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ་གཅིག་པུས་བསྐོར་བ་ལ་རྣམ་སྣང་གི་དྲིལ་བུ། རིན་པོ་ཆེས་བསྐོར་བ་ལ་རིན་འབྱུང་གི་དྲིལ་བུ། པདྨས་བསྐོར་བ་ལ་འོད་དཔག་མེད་ཀྱི་དྲིལ་བུ། རལ་གྲིས་བསྐོར་བ་ལ་དོན་གྲུབ་ཀྱི་དྲིལ་བུ་ཟེར། འཁོར་ལོ་ལ་སོགས་པ་ལྷའི་མཚན་མ་རེ་རེ་ཁོ་ནའམ། བཞི་ག་དང་ལྡན་པའི་དྲིལ་བུ་ཐམས་ཅད་དེ་བཞིན་གཤེགས་པའི་དྲིལ་བུ་ཡིན་ནོ། །ཐམས་ཅད་ཀྱང་རྩེ་ལྔ་པ་ཤ་སྟག་ཡིན་པར་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་གསུང་ངོ༌། ། |
Domain | ཆོས་ལུགས། |
{{#arraymap:དེ་བཞིན་གཤེགས་པའི་དྲིལ་བུ་
|; |@@@ | | }}