30269
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་བདུན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཚད་མེད་པ། དེ་བཞིན་གཤེགས་པའི་ཐོས་པ་ཚད་མེད་པ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཚད་མེད་པ། དེ་བཞིན་གཤེགས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཚད་མེད་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཚད་མེད་པའོ། ། |
| Domain | ཆོས་ལུགས། |