30299

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པའི་ལྷའི་སྤྱན་གྱི་རྒྱུ་བཞིས་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་སྤྱོད་ཡུལ་ཅན་ཡིན་པར་རིག་པར་བྱ་བ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ འགྲོ་བ་ཐམས་ཅད་འགྲུབ་པ་དང། མཐུན་པའི་ལམ་མངོན་པར་འདུ་བྱེད་པ་ལ་གནས་པའི་སེམས་ཅན་ཀུན་ཏུ་གཟིགས་པ། ༢ སྐྱེ་བའི་གནས་སྣ་ཚོགས་མང་པོ་ན་གནས་པའི་སེམས་ཅན་ཀུན་ཏུ་གཟིགས་པ། ༣ བར་མ་དོའི་སྲིད་པ་དང་བཅས་པའི་འཆི་འཕོ་དང་། སྐྱེ་བ་དང་ལྡན་པའི་སེམས་ཅན་ཀུན་ཏུ་གཟིགས་པ། ༤ བར་མ་དོའི་སྲིད་པ་མེད་པའི་འཆི་འཕོ་དང་། སྐྱེ་བ་དང་ལྡན་པའི་སེམས་ཅན་ཀུན་ཏུ་གཟིགས་པའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པའི་ལྷའི་སྤྱན་གྱི་རྒྱུ་བཞིས་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་སྤྱོད་ཡུལ་ཅན་ཡིན་པར་རིག་པར་བྱ་བ་བཞི་

|; |@@@ | | }}