30316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པའི་སྟོབས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། ༡ འདི་ལ་དེ་བཞིན་གཤེགས་པ་གནས་ལ་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་གནས་ལ་གནས་པ་དང་། གནས་མ་ཡིན་པར་ཡང་དག་པར་ཇི་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༢ དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་འཛིན་པ་རྣམས་ཀྱི་གནས་དང་། རྒྱུ་དང་། རྣམ་པར་སྨིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་གཉིས་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༣ དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་གསུམ་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༤ དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་གྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་བཞི་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༥ དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་དང་། མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པ་པའི་སྟོབས་ལྔ་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༦ དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་གམ། མཆོག་མ་ཡིན་པ་མཁྱེན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་དྲུག་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༧ དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བདུན་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༨ དེ་བཞིན་གཤེགས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་བརྒྱད་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༩ དེ་བཞིན་གཤེགས་པས་ལྷའི་མིག་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པའི་ལྷའི་མིག་མཁྱེན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་དགུ་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། ༡༠ དེ་བཞིན་གཤེགས་པས་ཟག་པ་ཟད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་ཟག་པ་ཟད་པ་མཁྱེན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པའི་སྟོབས་བཅུ་

|; |@@@ | | }}

དེ་བཞིན་གཤེགས་པའི་སྟོབས་བཅུ་ (2)
Part of speech མིང་ཚིག
Definition མདོ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པ་ནི། གནས་ལའང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ། གནས་མ་ལགས་ལའང་གནས་མ་ལག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༢ དེ་བཞིན་གཤེགས་པ་དེ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླངས་པ་རྣམས་གནས་དང་། རིགས་དང་། རྣམ་པར་སྨིན་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༣ འཇིག་རྟེན་གྱི་ཁམས་དུ་མ་པ་དང་། ཁམས་སྣ་ཚོགས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༤ སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༥ སེམས་ཅན་གཞན་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༦ ཐམས་ཅད་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༧ སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་དང་། རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། ༨ སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ཞིང་ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དག་ཀྱང་རྣམ་པ་དང་བཅས་པ་དང་། ས་ཕྱོགས་དང་བཅས་པ་དང་། རྒྱུ་མཚན་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། ༩ དེ་ལྷའི་སྤྱན་རྣམ་པར་དག་པའི་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་ལས་བདེ་འགྲོ་དང་། ངན་འགྲོར་སྐྱེ་བ་རྣམས་གཟིགས་སོ། ། ༡༠ ཟག་པ་ཟད་པས་ཟག་པ་མེད་པ་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནོ། །

{{#arraymap:དེ་བཞིན་གཤེགས་པའི་སྟོབས་བཅུ་

|; |@@@ | | }}