30318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པའི་སྤྱན་ལྔ་ (1)
Part of speech མིང་ཚིག
Definition ལས་དགེ་བའི་རྣམ་པར་སྨིན་པ་ལས་གྱུར་པ་སྟེ་སངས་རྒྱས་ཉག་གཅིག་ལ་མངའ་བས་ཏེ། སྟོང་གསུམ་གྱི་སྟོང་གཅིག་ཚུན་ཆད་ཀྱི་གཟུགས་ཐམས་ཅད་མཐོང་བ་ནི་ཤའི་སྤྱན་ནོ། །ནམ་མཁའི་ཁམས་ཀྱི་མཐར་གཏུགས་པའི་འཇིག་རྟེན་གྱི་གཟུགས་ཐམས་ཅད་མཐོང་བ་ནི་ལྷའི་སྤྱན་ནོ། །ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་ཤེས་རབ་ཀྱི་སྤྱན་ནོ། །གང་ཟག་ལ་བདག་མེད་པར་ཐུགས་སུ་ཆད་པ་ནི་ཆོས་ཀྱི་སྤྱན་ནོ། །ཤེས་པར་བྱ་བའི་ཡུལ་ལ་ཤེས་བྱ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པ་ནི་སངས་རྒྱས་ཀྱི་སྤྱན་ནོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པའི་སྤྱན་ལྔ་

|; |@@@ | | }}