30327
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབུ་མ་ཆེན་པོ། ཇོ་ནང་། གཞན་སྟོང་དབུ་མ། སེམས་ཅན་རྣམས་ཀྱི་རྒྱུད་ལ་ཆོས་སྐུ་དེ་བཞིན་ཉིད་བཞུགས་ཚུལ་གྱི་དཔེ་དགུ་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་གནས་པ་དང། སྦྲང་མའི་དབུས་ན་སྦྲང་རྩི་གནས་པ་དང། སྦུན་པའི་ནང་ན་སྙིང་པོ་གནས་པ་དང། མི་གཙང་བའི་ནང་ན་གསེར་གནས་པ་དང། སའི་འོག་ཏུ་གཏེར་གནས་པ་དང་། མྱུ་གུ་ལ་འབྲས་བུའི་ནུས་པ་གནས་པ་དང། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་གསེར་སྐུ་ལྟ་བུ་གནས་པ་དང། བུད་མེད་ངན་པའི་ལྟོ་བ་ན་མི་བདག་འཁོར་ལོས་སྒྱུར་རྒྱལ་གནས་པ་དང། ས་ལ་རིན་པོ་ཆེའི་གཟུགས་གནས་པ་སྟེ། དཔེ་དགུ་དང་དོན་དགུ་པོ་དེ་དག་ངོ་བོ་དངོས་གནས་སུ་ཡོད་པ་ལ་ཕྱི་ནས་གཞན་གྱིས་བསྒྲིབས་ཏེ་མི་གསལ་བའི་ཚུལ་དུ་གནས་པ་ལྟར་སེམས་ཅན་རྣམས་ལ་ཡང་ཆོས་སྐུ་དེ་བཞིན་ཉིད་དེ་ཉོན་མོངས་སོགས་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་མི་གསལ་བའི་ཚུལ་གྱིས་གནས་པ་ཡིན་ནོ། །ཞེས་འབྱུང་ངོ་། ། |
| Domain | ལྟ་གྲུབ། |