30332

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། འབྱུང་བའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་གང་ཡིན་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང༌། ཆོས་བདག་མེད་པ་གང་ཡིན་པའོ། ། རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམ་པར་རིག་པ་ཉིད་གང་ཡིན་པའོ། །གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པ་གང་ཡིན་པའོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ངས་ལམ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །
Domain ཆོས་ལུགས།
དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་རྣམ་པ་བདུན་ (2)
Part of speech མིང་ཚིག
Definition འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་དང་། གནས་པའི་དེ་བཞིན་ཉིད་གང་ཡིན་པ། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་དང་མཚུངས་ཤིང་མཉམ་མོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དང་། རྣམ་པར་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཆོས་ཐམས་ཅད་དང་མཚུངས་ཤིང་མཉམ་མོ། །རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེས་ནི་ཉན་ཐོས་ཀྱི་བྱང་ཆུབ་གང་ཡིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པའི་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་དེས་ནི་ཐོས་པ་ཐམས་ཅད་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་གིས་བསྡུས་པའི་ཤེས་རབ་མཚུངས་ཤིང་མཉམ་མོ། །