30372

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་ཕྱི་ལོ་ ༡༦༣༡ ལོར་འཁྲུངས། ཆུང་དུས་དེ་མོ་ལྷ་དབང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། ཁྲི་འདོན་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་དང་། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་སོགས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་རྒྱལ་དབང་ལྔ་པ་མཆོག་ཆིན་གོང་མ་ཧྲང་ཀྲི་ཡིས་གདན་ཞུས་ལྟར། པེ་ཅིང་དུ་ཕེབས་སྐབས་ཕྱག་རོགས་སུ་བྱོན། རྒྱལ་དབང་ལྔ་པ་དང་ལྷན་མཚོ་སྔོན་དང་། ཁམས་ཕྱོགས་སུ་ཆིབས་བསྒྱུར་མཛད། རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ཕྱི་ལོ་ ༡༦༦༨ ལོར་སྐུ་གཤེགས། དེ་མོ་སྐུ་ཕྲེང་ལྔ་བ་ཡིན། གསུང་རྩོམ་ནི་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་ཡང་སྙིང་དང་། བེའུ་བུམ་ནག་པོའི་ཁ་སྦྱོར་དབྱེ་བའི་འདོན་ཆ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གཏོར་ཆེན་དྲུག་ཅུ་པའི་རྣམ་གཞག་གནམ་ལྕགས་འབར་བ། མྱུར་ལམ་འཕོ་བའི་གདམས་པའི་སྐོར། ཞལ་གདམས་བདུད་རྩིའི་ཟ་མ་ཏོག ཉམས་སྣང་རྨི་ལམ་གྱི་བརྡ་དོན། མཆོད་རྟེན་སྒྲུབ་པའི་ཆོ་ག་དགེ་ལེགས་གཟི་འབར་བཅས་ཆོས་ཚན་ཉེར་དགུ་ལོངས་པའི་བྲིས་མ་པོད་གཅིག་བཞུགས།