30373
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ལོ་དང་འཁྲུངས་ཡུལ་མི་གསལ། ཆུང་དུས་ནས་དེ་མོ་གོང་མའི་སྤྲུལ་སྐུར་ངོས་བཟུང་། དེ་མོ་དགོན་གྱི་གདན་སའི་ཁྲིར་བཞུགས། བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་སྦྱངས། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་ ༡༧༥༧ ལོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་རྒྱལ་བ་བདུན་པ་གཤེགས་རྗེས་རྒྱལ་ཚབ་ཏུ་བསྐོས། ཆབ་སྲིད་ལོ་ཉེར་གཅིག་རིང་བསྐྱངས། གསེར་གདུང་རིན་པོ་ཆེ་བཀྲ་ཤིས་འོད་འབར་གསར་བཞེངས། ཆབ་འབངས་མི་སེར་ལ་འཚོ་གཟིགས་ཆེ་བ་དང༌། རྐང་འགྲོ་ལག་འདོན་གྱི་ཁྲལ་འཕར་མི་འབྱུང་བའི་གཟིགས་ཞིབ་གནང་། །བསྟན་རྒྱས་གླིང་བན་གཙང་བན་ཚང་གྲྭ་ཚང་བཏབ། བསམ་ཡས་ཉམས་གསོ་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོའི་བོད་ཟླ་བདུན་པའི་ཚེས་བཅུ་ཉིན་རྒྱལ་དབང་བརྒྱད་པ་རྩེ་ཕོ་བྲང་གི་གསེར་ཁྲིར་མངའ་གསོལ། རབ་བྱུང་བཅུ་གསུམ་པའི་མེ་བྱ་ཕྱི་ལོ་ ༡༧༧༧ ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ལྷ་ལྡན་བསྟན་རྒྱས་གླིང་དུ་སྐུ་གཤེགས། བོད་ཀྱི་རྒྱལ་ཚབ་དང་པོ་ཡིན་ལ། དེ་མོ་ཧོ་ཐོག་ཐུའི་སྐུ་ཕྲེང་བདུན་པ་ཡིན། |