30469

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲ་ (1)
Part of speech མིང་ཚིག
Definition སུམ་རྟགས་རྩ་གཞུང་ལས། ཐ་སྙད་དབང་དུ་གསུམ་ཡིན་ཏེ། དངོས་པོའི་དབང་དུ་བཞི་རུ་འགྱུར། དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་གསུངས་པ་ལྟར། གང་ཡང་རུང་བའི་མིག་གི་ཡ་མཐའ་སྟེ་ཐོག་མར་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས། དེ། ཞེས་གྲུབ་པ་ནི་ཐ་སྙད་ཙམ་གྱི་དབང་དུ་བྱས་ན། རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང༌། ལྷག་མ་དང་བཅས་པ་དང༌། དུས་གསུམ་ལས་འདས་པ་སྟེ་གསུམ་ལ་འཇུག་པ་དང༌། དངོས་པོའི་དབང་དུ་བྱས་ན། བདེན་པ་དང༌། གསང་བ་དང༌། བདག་གི་བ་དང༌། ཕ་རོལ་པོའི་དངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་འགྱུར་བ་དང༌། དུས་ཉིད་ཀྱི་དབང་དུ་བྱས་ན། འདས་པ་དང༌། མ་འོངས་པ་གཉིས་ལ་འཇུག་པ་ཡིན། འདིར་དེ ་སྒྲ་འཇུག་ཡུལ་གྱི་དབྱེ་བ་ལ་ཐ་སྙད་དབང་དུ་གསུམ། དངོས་པོའི་དབང་དུ་བཞི། དུས་ཀྱི་དབང་དུ་གཉིས། ཞེས་པ་ནི་དབྱེ་བ་མཚན་ཉིད་པ་དགུ་ཡོད་ཅེས་པའི་དོན་མིན་པ་ཤེས་དགོས། འདིར་བོད་སྐད་ཀྱི་དབང་དུ་དང༌། སྒོ་ནས་ཞེས་པ་ལ་དམིགས་གསལ་གྱི་གོ་བ་ཡོད་དེ། དབྱེ་གཞི་གཅིག་ལ་སྐབས་ཐོབ་ཀྱི་དབྱེ་བ་བཏགས་པ་བ་འགའ་ཞིག་དབྱེ་ཆོག་ཅེས་པའི་དོན་ཏེ།
Example དབྱེ་གཞི་བཀྲ་ཤིས་ཞེས་པའི་མི་གཅིག་གི་ཐོག་ལ། སྐབས་ཐོབ་ཀྱི་དབྱེ་བ་མང་པོ་ཞིག་དབྱེ་ཆོག་པ་སྟེ། ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན་ཕོ་ཡིན་པ་དང༌། ལས་རིགས་ཀྱི་སྒོ་ནས་དབྱེ་ན་དགེ་རྒན་ཡིན་པ། མི་རིགས་ཀྱི་སྒོ་ནས་དབྱེ་ན་བོད་རིགས་ཡིན་པ། མདོ་དབུས་ཁམས་ཀྱི་དབང་དུ་ཕྱེས་ན་ཁམས་པ་ཡིན་པ། ན་ཚོད་ཀྱི་སྒོ་ནས་དབྱེ་ན་གཞོན་ནུ་ཡིན་པ་ལ་སོགས་དབྱེ་བ་མང་དུ་ཕྱེ་ཆོག་པ་ལྟར། འདི་ཡང་ཐ་སྙད་དབང་དུ་གསུམ། དངོས་པོའི་དབང་དུ་བཞི་སོགས་ཕྱེས་ཡོད་ཀྱང་དོན་དུ་དབྱེ་བ་མཚན་ཉིད་པ་མིན་སྟབས། འདིར་ལྷག་བཅས་ཀྱི་དེ་སྒྲ་མ་གཏོགས་པའི་དེ་སྒྲ་གཞན་ཐམས་ཅད་དོན་དུ་རྣམ་གྲངས་སམ་མིང་ཚིག་གཞན་ཞིག་མཚོན་བྱེད་ཀྱི་དེ་སྒྲ་ཁོ་ན་ཡིན། དེ་སྒྲའི་འཇུག་ཚུལ་དཔེ་བརྗོད་དང་བཅས་པ་དེ་ཞེས་པའི་འབྲུ་དོན་སྐབས་སུ་གསལ་ཡོད།
Domain སྒྲ་རིག་པ།

{{#arraymap:དེ་སྒྲ་

|; |@@@ | | }}