From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། དགེ་སློང་གིས་རང་དབང་བའི་གོས་དཀར་པོ་སོགས་ལ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། རང་གི་གོས་ཁ་དོག་དཀར་པོ་སོགས་ཁ་མ་བསྒྱུར་བ་ལ་ལོངས་སྤྱོད་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་དྲུག་སྡེས་གོས་དཀར་པོ་གྱོན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཁྱིམ་པ་དང་ཆ་ལུགས་འདྲེས་པའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|