From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ (1)
| Part of speech
|
མིང་ཚིག
|
| Definition
|
རྟགས་ལྟར་སྣང་། གཏན་ཚིགས་ལྟར་སྣང་། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་བཅས་མིང་གི་རྣམ་གྲངས། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་དང་ཚུལ་གསུམ་མ་ཡིན་པའི་གཞི་མཐུན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད། ཅེས་གསུངས།
|
| Domain
|
ཚད་མ།
|
དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ (2)
| Part of speech
|
མིང་ཚིག
|
| Definition
|
དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག སྐབས་བབས་ཀྱི་རྒོལ་བ་ལ་སྒྲུབ་བྱེད་ཡང་དག་ཏུ་མ་སོང་བའི་རྟགས་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་རང་ལུགས་ནི། དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད། གཉིས་པ་དབྱེ་བ་བཤད་པ་ནི། སྤྱིར་གཏན་ཚིགས་ལྟར་སྣང་མེད་ཀྱང་། གཞི་ལ་སྦྱར་ན། དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས། མ་ངེས་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་དང་གསུམ། ཞེས་གསུངས་པའི་ཕྱིར།
|