30480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག རང་འགོད་པ་སྐབས་སུ་བབས་པའི་རྒོལ་བས་རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་མེད་གང་ཡང་མ་ངེས་པ་དེ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིིགས་ཞེས་བྱ་སྟེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་དབྱེ་བ་ལ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང། དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གཉིས། དང་པོ་ལ། མཚན་ཉིད་དང། མཚན་གཞི་གཉིས་ལས། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་མ་ངེས་པ་ཡང་ཡིན། གང་ཟག་དེས་ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད། གཉིས་པ་མཚན་གཞི་ནི། མཉན་བྱ། སྒྲ་མ་ཡིན་པ་ལས་ལོག་པ། སྒྲའི་ལྡོག་པ་རྣམས་རེ་རེ་ནས། སྒྲ་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གཉིས་ཀ་ཡིན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།