30481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ (1)
Part of speech མིང་ཚིག
Definition སྐབས་བབས་ཀྱི་ཕྱིར་རྒོལ་ཡང་དག་གིས། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཟ་བའི་གཞིར་གྱུར་བ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཤ་ཟ་དེ་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ཏེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་དེས། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་དང་། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་དོན་མཐུན་དེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱིར་རྒོལ་ཡང་དག་དེས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་དོན་མཐུན་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།