30482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition མདོ་སྡེ་བ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་དགག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ། དེ་ལ་དབྱེ་ན། སྣང་རུང་མ་དམིགས་པའི་རྟགས་ཡང་དག་དང་། མི་སྣང་མ་དམིགས་པའི་རྟགས་ཡང་དག་གཉིས་ཡོད།
Domain ཚད་མ།
དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition རྟགས་ཡང་དག་གང་ཞིག་ལ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་དགག་པའི་གཞི་མཐུན་སྲིད་པའི་རྟགས་དེ་ལ་དགག་རྟགས་ཡང་དག་ཞེས་བྱ་སྟེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཀྱང་ཡིན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་མཚན་ཉིད། དེ་དང་དམིགས་པའི་རྟགས་ཡང་དག་དོན་གཅིག ཅེས་གསུངས་པའི་ཕྱིར།