30484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག རང་འགོད་པ་སྐབས་སུ་བབས་པའི་རྒོལ་བའི་རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ངེས་པ་ཞིག་ལ་ཟེར་ཏེ། དགའ་བྱང་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ལ་མཚན་ཉིད་དང། དབྱེ་བ་གཉིས་ལས། ཞེས་དང། གཉིས་པ་ནི། དེ་ལ་དབྱེ་ན། དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས། དེ་གཉིས་གང་རུང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང་གསུམ་ལས། དང་པོ་ལ། མཚན་ཉིད་དང། དབྱེ་བ་གཉིས། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱིི་མཐུན་ཕྱོགས་དང། མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ངེས་པ་དེ། ཁྱོད་དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད། ཞེས་གསུངས། དེ་ལ་དབྱེ་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དང། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ་དང། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ་དང། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་དང་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པའི་དེ་དང། ཞེས་གསུངས་པའི་ཕྱིར། །
Domain ཚད་མ།