30485
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་དཔེར་བཟུང་བ་གང་ཞིག དེ་སྒྲུབ་ཀྱི་དཔེ་ཡང་དག་གི་མཚན་ཉིད་དང་མི་ལྡན་པ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྒྲ་མི་རྟག་པར་སྒྲུབ་པའི་དཔེ་སྐྱོན་གྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་དཔེར་བཟུང་བ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་དཔེ་ཡང་དག་གི་མཚན་ཉིད་དང་མི་ལྡན་པ་དེ་དེ་ཡིན། སྒྲུབ་བྱེད་ནི། དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དཔེ་སྐྱོན་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་དཔེ་སྐྱོན་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |