30498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡོད་མེད་ཅེས་པའི་ཕྱོགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱིས་སྒྲུབ་བྱེད་དམ་རྒྱུ་མཚན་ཅན་གྱི་རྟགས་ལ་བརྟེན་ནས་གཞི་གང་ཡང་རུང་བའི་སྟེང་དུ་ཆོས་གང་ཡང་རུང་བ་བསྒྲུབ་པའི་ཚེ་གང་སྒྲུབ་པའི་བསྒྲུབ་བྱའི་ཆོས་དེ་ཙམ་ལ་ཟེར་བ་ཡིན་ཏེ།
Example བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་མི་རྟག་པ་ལ་གོ་བ་བཞིན་ཡིན་ཏེ། དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་མེད་ཅེས་པའི་ཕྱོགས་དེ་དང་དེ་སྒྲུབ་ཀྱི་ཁྱབ་པའི་འབྲེལ་ཡུལ་གྱི་ཕྱོགས་དེ་གཉིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སམ་མི་རྟག་པའི་སྤྱི་ལྡོག་ལ་བྱེད་ཅེས་གསུངས།
Domain ཚད་མ།