30507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་གང་ཡང་རུང་བ་ཞིག་བཟུང་བའི་རྟགས་སམ་རྒྱུ་མཚན་ཡང་དག་གང་ཞིག རང་ཉིད་གང་བཟུང་བའི་བསྒྲུབ་བྱའི་ཆོས་དེ་དང་ངོ་བོའམ་རང་བཞིན་གཅིག་པ་དེ་ལ་རང་བཞིན་གྱི་རྟགས་ཡང་དག་ཞེས་བྱ་སྟེ། དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། ཁྱོད་དང་བདག་ཉིད་གཅིག་ཡིན་དགོས་པའི་ཆ་ནས་བཞག་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང་། དེ་སྒྲུབ་ཀྱི་ཁྱད་པར་དག་པ་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས། ཞེས་གསུངས་པའི་ཕྱིར།
Domain ཚད་མ།
དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག རྟགས་ཆོས་རྒྱུ་འབྲས་མིན་པའི་རྟགས་དེ་ལ་རང་བཞིན་གྱི་རྟགས་ཞེས་བྱ་སྟེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། རང་ལུགས་ནི། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པ་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་གྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་ཁྱོད་དང་བདག་ཉིད་གཅིག་ཡིན་དགོས་པའི་ཆ་ནས་བཞག་པ། དེ་ལ་དབྱེ་ན། དེར་གྱུར་པའི་ཁྱད་པར་ལྟོས་པ་བའི་དེ་དང༌། ཁྱད་པར་དག་པ་པའི་དེ་གཉིས་སོ། །