30511
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྡེ་བ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ། དེ་ལ་དབྱེ་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ངོ་བོའི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། རྒོལ་བའི་སྒོ་ནས་དབྱེ་བ་དང་དྲུག་ཡོད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་རྟགས་གསུམ། བསྒྲུབ་བྱའི་སྒོ་ནས་དབྱེ་ན་གསུམ་སྟེ། དངོས་སྟོབས་ཀྱི་རྟགས། ཡིད་ཆེས་ཀྱི་རྟགས། གྲགས་པའི་རྟགས་སོ། །བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། དགག་རྟགས་ཡང་དག་དང་། སྒྲུབ་རྟགས་ཡང་དག་གཉིས། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་དང་། ཐ་སྙད་སྒྲུབ་ཀྱི་རྟགས། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་དང་གསུམ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། རྒོལ་བའི་སྒོ་ནས་དབྱེ་ན་གཉིས་ཡོད་དེ། རང་དོན་སྐབས་ཀྱི་རྟགས་ཡང་དག་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས་སོ། ། |
| Domain | ཚད་མ། |