30514
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་རྟགས་དེ་རྩོད་གཞིའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་ནས། བསྒྲུབ་བྱ་ལ་ཤེས་འདོད་ཞུགས་པའི་གང་ཟག་དེས་རྟགས་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་དང་། མི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་གང་རུང་གི་མ་ངེས་པའི་གཏན་ཚིགས་དེ་ལ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཞེས་བྱ་སྟེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ལ་ཡང་། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་དང་། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་གང་རུང་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |