30515
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞི་ཆོས་ཅན་གང་ཡང་རུང་བའི་སྟེང་དུ། ཚིག་གི་དངོས་སུ་ཟིན་པའི་ཆོས་ཞིག་དངོས་སུ་བསྒྲུབ་པའི་ཚེ་རང་ཉིད་ཀྱང་གཞི་དེར་ཤུགས་ཀྱིས་གོ་བར་བྱ་བའི་ཆོས་དེ་ལ། དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་ཞེས་བྱ་སྟེ། |
| Example | སྒྲ་མི་རྟག་པར་སྒྲུབ་པའི་ཚེ་སྒྲའི་སྟེང་དུ་མི་རྟག་པ་མ་ཡིན་པ་ལས་ལོག་པ་ཤུགས་ལ་གོ་བ་ལྟ་བུ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་སུ་བཟུང་བ་དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། མཚན་གཞི་རིམ་བཞིན། མི་རྟག་པ་དང་པོ་དང། མི་རྟག་པ་མ་ཡིན་པ་ལས་ལོག་པ་གཉིས་པ་ཡིན། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |