30608

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོ་ (1)
Part of speech གྲངས་ཚིག
Definition གཞལ་གྲངས་བཅལ་བའི་གྲངས་འབོར་ཁ་གྲངས་གཉིས་སྟོན་བྱེད་དེ།
Example རྒྱ་མ་དོ། དཀར་ཡོལ་དོ་ལྟ་བུ།
དོ་ (1)
Part of speech མིང་ཚིག
Definition འགྲན་ཟླའམ་ཁ་གཏད་ཀྱི་དོན་ཏེ། དོ་ཟླ་ཞེས་པའི་ཚིག་བསྡུས་པ།
Example འགྲན་གྱི་དོ་མེད་པའི་དཔའ་བོ་ལྟ་བུ།
དོ་ (1)
Part of speech ཕྲད་ཚིག
Definition འདི་ཉིད་ཚིག་མཐར་སྦྱར་བས། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་ནུས་པས་རྫོགས་ཚིག་ལ་འཇུག་པ་ཟེར་ཞིང་། རྗོད་བྱེད་ཀྱི་ཚིག་གང་གི་རྗེས་སུ་སླར་ཡོང་རྒྱུའི་ཚིག་གྲོགས་དག་བསྡུས་པས་ན་སླར་བསྡུའང་ཟེར་ཏེ། སྦྱོར་ཚུལ་ནི་རྗེས་འཇུག་ད་ཡིག་གི་རྗེས་སུ་དོ་སྦྱོར་དགོས།
Keyword True
Example ཡོད་དོ། ཁོས་དེ་སྐད་བཤད་དོ་ལྟ་བུ།
དོ་ (1)
Part of speech གྲོགས་ཚིག
Definition ཚིག་གྲོགས་དང་སྦྱར་ན་དུས་ད་ལྟ་བ་སྟོན་བྱེད་ཅིག་སྟེ།
Example དོ་དགོང་ང་གྲོགས་པོའི་ནང་ལ་འགྲོ་དགོས། དོ་ནུབ་ངེད་ཚང་ལ་ཕེབས་རོགས། དོ་ཚིགས་ཀྱི་གནམ་གཤིས་ཧ་ཅང་ལེགས་ལྟ་བུ།