30675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོ་ཧ་ (1)
Part of speech མིང་ཚིག
Definition གླུའམ་མགུར་གྱི་དོན་ལ་འཆད་ཀྱང་། བོད་སྐད་དུ་བསྒྱུར་ན་ལྷུག་པའམ་མ་བཅོས་པ་ཞེས་པའི་དོན་ཡིན་ལ། འགའ་ཞིག་གིས་གཉིས་ལ་དགོད་པར་ཞེས་བསྒྱུར་བ་ནོར་ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་གསུངས་ཏེ། དེ་ཉིད་ལས། རྒྱ་སྐད་དོ་ཧ་ཞེས་བྱ་བ། །བོད་སྐད་ལྷུག་པའམ་མ་བཅོས་པ། །ཞེས་བྱའི་དོན་ལ་འཇུག་མོད་ཀྱི། །དེ་ཡི་རྒྱུ་མཚན་མ་ཤེས་པར། །དོ་ནི་གཉིས་ཡིན་ཧ་དགོད་པ། །གཉིས་ལ་དགོད་པར་འཆད་པ་དང་། །ཞེས་གསུངས།
Foreign རྒྱ་གར།

{{#arraymap:དོ་ཧ་

|; |@@@ | | }}

དོ་ཧ་ (2)
Part of speech མིང་ཚིག
Definition མི་ཟད་པ་སྟེ། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་མི་ཟད་པའི་སྐད་དོད་ཡིན་པར་གསུངས།

{{#arraymap:དོ་ཧ་

|; |@@@ | | }}