From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོ་ཧ་མཛོད་ (1)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་པའི་དོ་ཧ་མཛོད། རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་བསྒྱུར། བསྟན་འགྱུར་རྒྱུད་ཞི་པར་བཞུགས།
|
དོ་ཧ་མཛོད་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཆེན་པོ་ཏེ་ལོ་པས་མཛད་པའི་དོ་ཧ་མཛོད། རྒྱ་གར་ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་མཁས་པ་དཔལ་རྣམ་པར་སྣང་མཛད་རྡོ་རྗེའི་ཞལ་སྔ་ནས་རང་འགྱུར་དུ་གསུངས། བསྟན་འགྱུར་རྒྱུད་ཞི་པར་བཞུགས།
|
དོ་ཧ་མཛོད་ (3)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་ནག་པོ་རྡོ་རྗེས་མཛད་པའི་དོ་ཧ་མཛོད། ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་བཻ་རོ་ཙཱ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད། བསྟན་འགྱུར་རྒྱུད་ཞི་པར་བཞུགས།
|
དོ་ཧ་མཛོད་ (4)
| Part of speech
|
མིང་ཚིག
|
| Definition
|
གྲུབ་ཐོབ་ཀྱི་ཉམས་གླུ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་བསྟན་བཅོས་ཤིག
|