From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆག་པའམ་ཆུན་པོ་དང་ཕོན་པོའི་མིང་སྟེ།
|
| Example
|
ཁྱོད་ཁྲོམ་ལ་སོང་ནས་མེ་ཏོག་དོག་པ་གསུམ་ཉོས་ཤོག་ལྟ་བུ།
|
དོག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
གང་བུའམ་རིལ་རིལ་གྱི་མིང་སྟེ།
|
| Example
|
སྦྲང་རྩིའི་དོག་པ། སྲན་མའི་དོག་པ། ནས་ཀྱི་དོག་པ་ས་ཐོར་ལྟ་བུ།
|
དོག་པ་ (3)
| Part of speech
|
མིང་ཚིག
|
| Definition
|
མེ་ཏོག་གི་ཟེའུ་འབྲུའི་མིང་སྟེ།
|
| Example
|
མེ་ཏོག་པདྨའི་དོག་པ་ལྟ་བུ།
|
དོག་པ་ (4)
| Part of speech
|
མིང་ཚིག
|
| Definition
|
སྐུད་པའི་ཉག་མ་མང་པོ་ལྷན་དུ་དྲིལ་ནས་སྒོར་སྒོར་བཟོས་ཡོད་པའི་མིང་སྟེ།
|
| Example
|
སྐུད་པ་དོག་པ་གཅིག་གིས་ཆོག་ལྟ་བུ།
|
དོག་པ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
དོོག་པོ་ཡི་བསྡུར་རིམ་གཉིས་པ། རྒྱ་ཁྱོན་ཆུང་ཞིང་ཀུ་མི་ཡངས་པའི་རྣམ་པ་སྟེ།
|
| Example
|
ཁང་མིག་འདི་དེ་ལས་དོག་པ་འདུག་ལྟ་བུ།
|
| Antonyms
|
ཡངས་པ།
|