30700
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་པོས་དུར་འདོད་ཀྱང་གསོན་གྱིས་ཕྱག་ཚང་མི་ཕེར་བ་སྟེ། གཤིན་པོ་གང་ཞིག་ཕྱི་ནང་བར་གསུམ་རང་ཐོག་ཏུ་ཤི་བ་ཡིན་ན། དུས་དེར་ཤུལ་ལུས་གསོན་པོའི་གྲས་སུ་ཡང་དེ་གསུམ་གཤིན་གྱི་དེ་རང་ལ་ཕྱིན་པ་ཡོད་པ་མ་ཟད། གཞན་ཡང་ཆེ་བའི་དེ་དག་གཤིན་གྱི་དེ་ཚོའི་གྲོགས་སར་སྤུངས་པ་ལ་ཟེར་བ་ཡིན། དེ་ཡང་རང་ལོ་སྟག་ཡིན་པའི་གཤིན་པོ་གང་ཞིག་གནམ་ལོ་སྟག་གི་ལོར་ཚེ་ལས་འདས་ན། དུས་དེར་ཤུལ་ལུས་གསོན་པོའི་གྲས་སུ་ལོག་མེན་ལོ་སྟག་ལ་བབས་པ་ཡོད་པ་མ་ཟད། གཞན་མང་ཆེ་བའི་ལོག་མེན་ལོ་གཤིན་ལོའི་གྲོགས་ས་སྟེ་གཤེད་བཞིའི་སྟེང་དུ་སྤངས་པ་ལྟ་བུ་ནི་ཕྱི་ལོའི་དོག་མཐའ་ཡས་པ་ཡིན། རང་ལོ་རྟའམ་སྦྲུལ་ཡིན་པའི་གཤིན་པོ་གང་ཞིག་བབས་སྤར་ལིའི་སྟེང་དུ་ཚེ་ལས་འདས་ན། དུས་དེར་ཤུལ་ལུས་གསོན་པོའི་གྲས་སུ་ཡང་བབས་སྤར་ལིར་བབས་པ་ཡོད་པ་མ་ཟད། གཞན་མང་ཆེ་བའི་བབས་སྤར་གཤིན་སྤར་གྱི་གྲོགས་ས་སྟེ་དྭའི་སྟེང་དུ་སྤུངས་པ་ལྟ་བུ་ནང་སྤར་ཁའི་དོག་མཐའ་ཡས་པ་ཡིན། སྨེ་བ་དཀར་གསུམ་ལ་སྐྱེས་པའི་གཤིན་པོ་གང་ཞིག་བབས་སྨེ་དཀར་གསུམ་གྱི་སྟེང་དུ་ཚེ་ལས་འདས་ན། དུས་དེར་ཤུལ་ལུས་གསོན་པོའི་གྲས་སུ་ཡང་བབས་སྨེ་དཀར་གསུམ་ལ་བབས་པ་ཡོད་པ་མ་ཟད། གཞན་མང་ཆེ་བའི་བབས་སྨེ་གཤིན་སྨེ་ཡི་གྲོགས་ས་སྟེ་བཞི་ལྗང་སྟེང་དུ་སྤུངས་པ་ལྟ་བུ་བར་སྨེ་བའི་དོགས་མཐའ་ཡས་པ་ཡིན། |
| Domain | རྩིས་རིག |