30702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོག་མོ་ (1)
Part of speech མིང་ཚིག
Definition ཁོད་ཡངས་མོའམ་རྒྱ་ཆེ་བའི་ལྡོག་ཟླ་སྟེ།
Example ཉལ་ས་དོག་མོའི་ནང་ནས་གཉིད་ཡག་པོ་མི་ཡོང་། ལམ་དོག་མོའི་ནང་འགྲོ་དཀའ་ལྟ་བུ།
Antonyms ཡངས་མོ།
དོག་མོ་ (2)
Part of speech མིང་ཚིག
Definition སྒྲིག་ཁྲིམས་བཙན་ཞིང་དོ་ནན་པའི་དོན་ཏེ།
Example སྒྲིག་ལམ་དོག་མོ་ཅན་གྱི་ཚོགས་ཁོངས་སུ་འཛུལ་རྒྱུ་ལས་སླ་བོ་མེད་ལྟ་བུ།
Antonyms ཡངས་མོ།
དོག་མོ་ (3)
Part of speech མིང་ཚིག
Definition ངག་མི་ཁྲོལ་ཞིང་ཁ་ནས་སྐད་ཆ་ཐོན་དཀའ་བའི་དོན་ཏེ།
Example ངག་སྒོ་དོག་མོ་ཅན། ངག་དོག་མོ་ཅན་གྱིས་གཏམ་མི་ཤོད་ལྟ་བུ།
Antonyms ཡངས་མོ།
དོག་མོ་ (4)
Part of speech མིང་ཚིག
Definition ས་གཞི་སྟེ། ནམ་མཁའ་ལ་ལྟོས་ན་རྒྱ་ཧ་ཅང་ཆུང་བས་སོ།
Type མངོན་བརྗོད།