30705

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོགས་ (1)
Part of speech བྱ་ཚིག
Definition འཛེམ་པའམ་དཔྱད་པ་བཏང་བའི་དོན་ཏེ།
Keyword True
Example ཡི་གེ་མང་དུ་དོགས་ནས་མ་བྲིས། ན་བར་དོགས་ནས་སྨན་གྲ་སྒྲིག་བྱས་པ་ཡིན་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
དོགས་ (1)
Part of speech མིང་ཚིག
Definition དོགས་པ་ཡི་མིང་མཐའ་བསྡུས་པ་སྟེ། ཐེ་ཚོམ།
Example བློ་དོགས་ཡོངས་སུ་བསལ། ལྟ་བུ།
དོགས་ (1)
Part of speech མཚུངས་ཚིག
Definition རབ་རྟོག་གསལ་བྱེད་ཀྱི་སྒྲའི་ནང་གསེས་གཉིས་པ་སྟེ། ཐེ་ཚོམ་ནམ་དོགས་པ་སྐྱེས་པའི་དོན། འདིར་སེམས་མེད་ལ་སེམས་ལྡན་བཞིན་དུ་སྒྲོ་བཏགས་ནས་བརྗོད་པ་ཞིག་ལ་ཟེར།
Example བོད་མཁས་པས། གང་གི་མིག་གི་མཛེས་པ་ཕུལ་བྱུང་བ། །དབྱངས་ཀྱི་རྒྱལ་མོའི་མཚར་སྡུག་བང་མཛོད་ལས། ། བརྐུས་པའི་ཉེས་པས་སྐྲག་ཏེ་ཨུཏྤལ་དང་། །རི་དྭགས་རྣམས་ནི་ནགས་སུ་བྲོས་པར་དོགས། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག