30746

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོད་ (1)
Part of speech མིང་ཚིག
Definition དངོས་པོ་གང་རུང་གི་ཚབ་མའི་དོན་ཏེ།
Example བུ་མེད་ན་ཚ་བོས་བུ་དོད་བྱེད། རྩྭ་གུར་ཀུམ་གྱིས་གུར་ཀུམ་གྱི་དོད་བྱ་ཆོག་ལྟ་བུ།
དོད་ (2)
Part of speech མིང་ཚིག
Definition མཚོན་བྱེད་དམ་ཚུགས་ཀ་ཙམ་གྱི་མིང་།
Example འོན་པའི་རྣ་བ་རྣ་བའི་དོད་ཙམ་ཡིན་ལྟ་བུ།
དོད་ (1)
Part of speech བྱ་ཚིག
Definition བཏོད་ཀྱི་སྐུལ་ཚིག་གི་འབྲི་ཚུལ་གཞན་ཞིག་ཡིན་པར་བཤད།
Transitive བྱ་བྱེད་ཐ་དད་པ།
དོད་ (2)
Part of speech བྱ་ཚིག
Definition རི་མོ་སོགས་རང་བཞིན་གྱིས་མངོན་པའི་དོན་ཏེ།
Keyword True
Example བྲག་ལ་ཡི་གེ་དོད་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།