From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོན་ (1)
| Part of speech
|
མིང་ཚིག
|
| Definition
|
རྗོད་བྱེད་ཚིག་གི་བརྗོད་བྱའི་ནང་དོན།
|
| Example
|
ཚིག་དེའི་དོན་གང་ཡིན་ནམ། བརྗོད་པ་འདིས་དོན་ཅི་ཞིག་སྟོན་ནམ་ལྟ་བུ།
|
དོན་ (2)
| Part of speech
|
མིང་ཚིག
|
| Definition
|
ལས་ཀའམ་བྱ་བའི་དོན།
|
| Example
|
རང་དོན་སྤངས་ནས་གཞན་དོན་བསྒྲུབས། སྤྱི་དོན། སྒེར་དོན། རང་དོན། གཞན་དོན་ལྟ་བུ།
|
དོན་ (3)
| Part of speech
|
མིང་ཚིག
|
| Definition
|
ལས་ཀའི་གྲུབ་འབྲས་ཀྱི་དོན།
|
| Example
|
ངལ་བ་དོན་མེད་དུ་མ་སོང། དོན་མེད་ཀྱི་བྱ་བ་མ་བྱེད་ལྟ་བུ།
|
དོན་ (4)
| Part of speech
|
མིང་ཚིག
|
| Definition
|
རྒྱུ་མཚན་ནམ་རྒྱུ་རྐྱེན་གྱི་དོན།
|
| Example
|
ཁྱེད་འགྲོ་དགོས་དོན་ཅི་ཞིག་ཡིན་ནམ། དེ་རིང་འཛིན་གྲྭ་ལ་མི་ཡོང་དོན་ཅི་ཡིན་ལྟ་བུ།
|
དོན་ (5)
| Part of speech
|
མིང་ཚིག
|
| Definition
|
དངོས་ཡོད་གནས་ཚུལ་གྱི་དོན།
|
| Example
|
ཁོས་བཤད་པ་དོན་དང་མཐུན་མིན་དཔྱད་དགོས། ཁ་ནས་དེ་ལྟར་བཤད་ཀྱང༌། དོན་དུ་དེ་འདྲ་མ་རེད་ལྟ་བུ།
|
དོན་ (6)
| Part of speech
|
མིང་ཚིག
|
| Definition
|
གཟུགས་སོགས་ཕྱི་རོལ་ཡུལ་གྱི་དོན།
|
| Example
|
མངོན་སུམ་གྱིས་གཟུང་བར་བྱ་བའི་དོན། དབང་པོ་ལྔའི་ཡུལ་གྱི་དོན་ལྟ་བུ།
|
དོན་ (7)
| Part of speech
|
མིང་ཚིག
|
| Definition
|
ནང་ཁྲོལ་གློ་སྙིང་སོགས་དོན་ལྔའི་དོན།
|
| Example
|
དོན་ལྔ་སྣོད་དྲུག་ལྟ་བུ།
|
དོན་ (1)
| Part of speech
|
ཚབ་ཚིག
|
| Definition
|
གཅིག་ནས་དགུའི་བར་གྱི་གྲངས་ཚིག་གི་གོང་དུ་སྦྱར་ན་བདུན་ཅུ་མཚོན་པའི་ཚབ་ཚིག་ཅིག་སྟེ།
|
| Example
|
དོན་གཅིག དོན་གཉིས། དོན་གསུམ། དོན་དགུ་ལྟ་བུ།
|