30762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གཅིག་གསལ་བྱེད་ (1)
Part of speech མིང་ཚིག
Definition དོན་རྒྱན་སོ་ལྔའི་ནང་གསེས་བཞི་པ་གསལ་བྱེད་ཀྱི་རྒྱན་གྱི་ནང་གསེས་བཅུ་གཅིག་པ་སྟེ། གསལ་བྱེད་ཀྱི་ཚིག་གཅིག་གིས་བྱ་བའི་རྣམ་གྲངས་དུ་མ་བསྟན་པའི་སྒོ་ནས། གསལ་བྱ་གཅིག་གི་གནས་ལུགས་གསལ་བར་བྱེད་པའི་ཚིག་རྒྱན་གྱི་བརྗོད་ཚུལ་ཞིག་ལ་ཟེར་ཞིང་། འདི་ལ་དོན་གཅིག་པའི་གསལ་བྱེད་ཀྱང་ཟེར།
Example བོད་མཁས་པས། བྱིས་བློའི་དྲི་མ་ཅན་གྱིས་ཆོས་ཤེས་ཀྱང་། །ང་རྒྱལ་དབུགས་རྒོད་སྟོད་དུ་ཆེར་བརྩེགས་ཤིང་། ། གཞན་ལ་ཁྱད་གསོད་ལུད་པ་ཕྱོགས་བཅུར་འཕེན། །ཆོས་སྤོང་དམ་པ་སྨོད་པའི་ཉེས་པ་སྐྱེད། །ཅེས་པ་ལྟ་བུ།
Domain རྩོམ་རིག