30769

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གདགས་པ་རྣམ་པར་གཞག་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ དབང་པོ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ལྟ་བའི་དོན་དང༌། ཉན་པའི་དོན་དང༌། སྣོམ་པའི་དོན་དང༌། མྱང་བའི་དོན་དང༌། རེག་པའི་དོན་དང༌། རྣམ་པར་ཤེས་པའི་དོན་ཏོ། ། ༢ འབྱུང་བ་ཆེན་པོ་རྣམ་པར་གཞག་པ་ནི། རྟེན་ལ་སོགས་པའི་དོན་དང༌། བརླན་པ་ལ་སོགས་པའི་དོན་དང༌། སྣང་བ་ལ་སོགས་པའི་དོན་ཏོ། ། ༣ ལས་རྣམ་པར་གཞག་པ་ནི། འགྲོ་བ་ལ་སོགས་པའི་དོན་དང༌། སྨྲ་བ་ལ་སོགས་པའི་དོན་དང༌། སེམས་པ་དང༌། དྲན་པ་དང༌། བློ་ལ་སོགས་པའི་དོན་ཏོ། ། ༤ ཡོངས་སུ་ཚོལ་བ་རྣམ་པར་གཞག་པ་ནི། གཉེར་བ་ལ་སོགས་པའི་དོན་ཏོ། །༥ ཆོས་མ་ཡིན་པ་རྣམ་པར་གཞག་པ་ནི། འཚེ་བ་དང༌། རྐུ་བ་ལ་སོགས་པའི་དོན་ཏོ། ། ༦ ཆོས་རྣམ་པར་གཞག་པ་ནི། སྦྱིན་པ་དང༌། ལེགས་པར་སྡོམ་པ་ལ་སོགས་པའི་དོན་ཏོ། ། ༧ འབྱོར་པ་རྣམ་པར་གཞག་པ་ནི། ཐོབ་པ་དང༌། དགའ་བ་དང༌། རངས་པ་ལ་སོགས་པའི་དོན་ཏོ། ། ༨ རྒུད་པ་རྣམ་པར་གཞག་པ་ནི། འཇིགས་པ་དང༌། མི་དགའ་བ་ལ་སོགས་པའི་དོན་ཏོ། ། ༩ ལོངས་སྤྱོད་རྣམ་པར་གཞག་པ་ནི། བཟའ་བ་དང༌། བཏུང་བ་དང༌། བགོ་བ་དང༌། འཁྱུད་པ་དང༌། བསྙེན་བཀུར་བྱ་བ་ལ་སོགས་པའི་དོན་ཏོ། ། ༡༠ རྗེས་སུ་བསྲུང་བ་རྣམ་པར་གཞག་པ་ནི། བསྐྱང་བ་དང༌། གསོ་བ་དང༌། དགང་བ་ལ་སོགས་པའི་དོན་ཏོ། །
Domain ཆོས་ལུགས།