30773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གཞན་གྱིས་འགོག་པ་ (1)
Part of speech མིང་ཚིག
Definition སྙན་ངག་མེ་ལོང་མའི་ལེའུ་གཉིས་པ་དོན་རྒྱན་སོ་ལྔའི་ནང་གསེས་ལྔ་པ་འགོག་པའི་རྒྱན་ལ་ཉེར་གསུམ་ ཡོད་པ་ལས་ཉེར་གཉིས་པ་སྟེ། བྱ་བའི་གནས་ཚུལ་ཚད་ལས་བརྒལ་ཀྱང་། ཚིམ་པ་མེད་པ་ལ་ཡ་མཚན་པ་ལྟ་བུའི་དོན་དགག་བྱ། དེ་འགོག་བྱེད་ནི། དེ་དང་ཆོས་མཚུངས་ཀྱི་དོན་གཞན་ཞིག་དཔེའི་ཚུལ་དུ་བཀོད་ནས་ཡ་མཚན་རྩོམ་པའི་བློ་དེ་འགོག་པ་ལྟ་བུ་ཞིག་ལ་ཟེར་བ་ཡིན།
Example བོད་མཁས་པས། རྣམ་པ་ཐམས་ཅད་མཁྱེན་ཀྱང་གཟིགས་པའི་ཐུགས། །ད་དུང་ཡོད་ཏན་འཚོལ་ལ་རིངས་འདིས་ཅི། ། འོན་ཀྱང་མི་ཟད་ཟབ་ཡངས་ཆུ་བོའི་གཏེར། །རྟག་ཏུ་ཆུ་ཕྲན་མ་ལུས་སྡུད་ལ་ལྟོས། །ཞེས་པ་ལྟ་བུ།
Domain རྩོམ་རིག