30776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གཞན་མ་ཡིན་པ་འགོག་པ་ (1)
Part of speech མིང་ཚིག
Definition དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་དོན་གཞན་མ་ཡིན་པ་སྟེ་རང་བཞིན་གཅིག་པ་འགོག་པ་ཞིག་ལ་དོན་གཞན་མ་ཡིན་པ་འགོག་པ་ཞེས་བརྗོད་པ་ཡིན་ཏེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཐམས་ཅད་འབྲེལ་ཡུལ་དོན་གཞན་དང། དོན་གཞན་མ་ཡིན་པ་འགོག་པའི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་གཉིས་སུ་ངེས་ལ། དང་པོ་ཐམས་ཅད་རྒྱུ་མ་དམིགས་པ་དང་། གཉིས་པ་རང་བཞིན་མ་དམིགས་པར་འདུས་སོ། །ཞེས་གསུངས་པའི་ཕྱིར།
Domain ཚད་མ།