30782

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གསལ་བའི་ཡོན་ཏན་ (1)
Part of speech མིང་ཚིག
Definition དོན་གསལ་གྱི་ནང་གསེས་དང་པོ་སྟེ། ཤར་ལྷོ་ཐུན་མོང་དུ་འདོད་པའི་དོན་གསལ་ཡོན་ཏན་ནི། བརྗོད་བྱའི་དོན་དེ་གཏན་ཚིགས་ཀྱིས་བརྟག་མི་དགོས་པར་གསལ་བོར་བརྗོད་པས་བདེ་བླག་རྟོགས་པར་ནུས་པ་ཉིད་དེ། ལམ་འདི་ནི་ལྷོ་ཤར་གཉིས་ཀ་དག་གིས་ཐུན་མོང་དུ་འདོད་པ་ཡིན།
Example དབྱངས་ཅན་དགའ་བློས། མཚར་སྡུག་ལང་ཚོའི་དཔལ་འཛིན་སི་ཏཱ་ནི། །ལང་ཀའི་བདག་པོ་འདོད་མྱོས་ཀྱིས་བཀུག་ཚེ། ། དཔའ་རྩལ་མངའ་བའི་འཕོང་སྐྱེན་རཱ་མ་ཎས། །རྣོ་ངར་སྒྲོ་ལྡན་གཅིག་གིས་མཐོ་རིས་བསྒྲལ། །ཞེས་པ་ལྟ་བུ།
Domain རྩོམ་རིག