30785
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོན་གོམས་པ་ཅན་གྱི་དབང་མངོན་ཚད་མ་ཞེས་པ་ནི། དབང་མངོན་དེ་ཡི་ཡུལ་དེ་རང་རྒྱུད་ལྡན་གྱི་གང་ཟག་དེ་ལ་གོམས་པའི་དབང་གིས་ཡུལ་དེ་མཐོང་ཙམ་ཉིད་ནས་འདི་དང་འདི་ཞེས་ངེས་ཤེས་དངོས་སུ་འདྲེན་ནུས་པའི་དབང་མངོན་ཚད་མ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། དོན་གོམས་པ་ཅན་གྱི་དབང་མངོན་ཚད་མའི་མཚན་གཞིར། བུའི་རྒྱུད་ཀྱི་ཕའི་གཟུགས་འཛིན་པའི་དབང་མངོན་ལྟ་བུའོ་ཞེས་གསུངས་སོ། ། |
| Domain | ཚད་མ། |