30791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གྱི་གཟུངས་ (1)
Part of speech མིང་ཚིག
Definition མདོ། དོན་གྱི་གཟུངས་ནི་དོན་མི་བརྗེད་པར་འཛིན་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱིས་གསུངས་པའི་དོན་རྒྱ་ཆེན་པོ་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །ས་མཚམས་ནི། སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པའི་གཟུངས་བཞི་ཆར་ཡང་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད། བརྟན་པ་དང་། རྒྱ་ཆེ་བའི་གཟུངས་བཞི་ཆར་ས་དང་པོ་ནས་ཡོད་པར་གསལ་ལོ། །ཞེས་སྦས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།
དོན་གྱི་གཟུངས་ (2)
Part of speech མིང་ཚིག
Definition གཟུངས་གང་ཞིག གསུང་རབ་ཀྱི་དོན་ལན་ཅིག་གོ་བ་ཙམ་གྱིས་བསྐལ་པ་ལ་སོགས་པའི་བར་དུ་མི་བརྗེད་པར་འཛིན་ནུས་པའི་རབ་ཏུ་ཕྱེ་བའི་དྲན་པ་དང་ཤེས་རབ་གཙོ་བོར་གྱུར་པའི་མཁྱེན་པ།
དོན་གྱི་གཟུངས་ (3)
Part of speech མིང་ཚིག
Definition རང་ཡུལ་དུ་གྱུར་པའི་ལུང་གི་དོན་རྣམས་བསྐལ་པའི་བར་དུ་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིག་པ་དེ། དོན་གཟུངས་ཀྱི་མཚན་ཉིད་ཡིན།
དོན་གྱི་གཟུངས་ (4)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག གཟུངས་ཀྱི་སྒོ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དོན་གྱི་གཟུངས་དེ་ཉིད་བསྟན་པ་གང་ཞེ་ན། ཡི་གེ་ཨ་ལྟ་བུ་གང་བྱུང་ཞིང་སྣང་བའི་དོན་གྱི་གཟུངས་ནི་མ་སྐྱེས་པ་དེ་ཉིད་ཡིན་ལ་དེ་ཡང་ཨ་ཉིད་དང་མ་བྲལ་བ་སྟེ་གཞན་ཡང་རྗེས་སུ་མཐུན་པའོ། །ཞེས་གསུངས།
དོན་གྱི་གཟུངས་ (5)
Part of speech མིང་ཚིག
Definition རྫོགས་རིམ་གྱི་ཆོས་ཤིག་སྟེ། གཉིད་འཁྲུལ་ལ་བརྟེན་པའི་མཐོང་སྤང་དང་སྒོམ་སྤང་གཉིས་ཀའི་སྒྲིབ་གཉིས་ཀྱི་ས་བོན་ཡང་ལམ་གྱི་འོད་གསལ་སྟོབས་ལྡན་གྱིས་སྤངས་པས་གཞིའི་འོད་གསལ་གློ་བུར་དྲི་བྲལ་དུ་གྱུར་པ།