30797

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་གྱི་ཆོས་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་དུ་ཕྱེ་བའི་ལྔ་ཚན་གཅིག་སྟེ། སྤྱོད་པ། གནས་པ། ཐོབ་པ། ཕྱིར་ལྟ་བ། ཡོངས་སུ་རྫོགས་པ་སྟེ། ལྔ་པོ་ལམ་ལྔར་གནས་པའི་རྣལ་འབྱོར་པ་དག་ལ་རིམ་པར་དོན་གྱི་སྒོ་ནས་མཚན་ལྔར་བཏགས་པ་ཞིག་གོ །
Domain ཆོས་ལུགས།
དོན་གྱི་ཆོས་ལྔ་ (2)
Part of speech མིང་ཚིག
Definition ཚོགས་ལ་གནས་པས་ལུས་ངག་གི་སྤྱོད་པ་གཙོ་བོར་བྱེད་པ། མོས་པས་ཤེས་རབ་དང་ཏིང་ངེ་འཛིན་ལ་གནས་པ། ཏིང་ངེས་འཛིན་གྱིས་རང་དོན་དུ་རང་རིག་པའི་མངོན་སུམ་དུ་མཐོང་བའམ་ཐོས་པ། གཞན་དོན་དུ་བྱང་ཆུབ་ཀྱི་ཐབས་སྤྲོ་བར་སེམས་པ། བསླབ་པ་མཐར་ཕྱིན་པར་རྫོགས་པ་དང་ལྔའོ། །དེ་ལྔ་པོ་རིམ་པར་ས་ལྔའི་གནས་སྐབས་སུ་ཐོབ་པར་གསུངས།