30826
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སུམ་ཅུ་པའི་རྩ་ཚིག་ཏུ་དངོས་སུ་བསྟན་མེད་པའམ། ཡི་གེ་འབྲི་དུས་དངོས་སུ་བྲིས་མེད་ཀྱང་དོན་ཇི་བཞིན་དུ་འཇུག་ནུས་པའམ་ཐོབ་པ། |
| Example | སླར་བསྡུའི་ཏོ། ལ་དོན་གྱི་ཏུ། ལྷག་བཅས་ཀྱི་ཏེ། ཨི་ལྡན་གྱི་ཡི་དང་ཡིས། རྒྱན་སྡུད་ཀྱི་ཡང་དང་། འབྱེད་སྡུད་ཀྱི་ཏམ། ཡང་། ཟ་བྱེད་ཀྱི་ཁ་དང་། ལ་ཐུར་གྱི་ལ་སོགས་ལ་རྗེས་འཇུག་འ་ཡིག་དངོས་སུ་བྲིས་མེད་ནའང་འ་ཡིག་ཐོབ་པ་ནི། སུམ་ཅུ་པའི་རྩ་བ་ལས། རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་པས་ཤེས་ལ། ཡང་ཁ་དང་ལ་སོགས་ཀྱི་རྗེས་སུ་ཕྲད་དང་རྣམ་དབྱེ་སྦྱོར་བའི་སྐབས་ཀྱང་རྗེས་འཇུག་འ་ཡིག་དོན་གྱིས་ཐོབ་པ་ཤེས་སོ། ། |
| Domain | སྒྲ་རིག་པ། |